རིན་མེད་སྤ་སེ་འཁྱེར་ནས་མེ་འཁོར་བསྡད་དེ་རང་ཡུལ་ལ་ལོག་པ།
ཉེ་ཆར། སི་ཁྲོན་ནས་ཡིན་པའི་ཕྱིར་གླ་པ་རྒྱུག་མཁན་70ལྷག་ཙམ་གྱིས་ལྷ་སའི་མེ་འཁོར་བབས་ཚུགས་སུ་བོད་ལྗོངས་ཆུས་རྫོང་ཚོང་ཚོགས་ཀྱིས་མཁོ་འདོན་བྱས་པའི་རིན་མེད་མེ་འཁོར་སྤ་སེ་མཉམ་དུ་བླངས་ཤིང་། དེ་རྗེས་གླ་པ་རྒྱུག་མཁན་ཚོས་རྡོག་ཁྲེས་འཁྱེར་ནས་གཅིག་རྗེས་གཉིས་མཐུད་ངང་བབས་ཚུགས་སུ་སྐྱོད་པ་དང་། ཚང་མས་རྡོག་ཁྲེས་ལྗིད་ཏིག་ཏིག་འཁྱེར་ནའང་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་མངོན་བཞིན་ཡོད། འདི་ནི་གླ་པ་རྒྱུག་མཁན་ཚོས་རུ་བསྒྲིགས་ནས་མེ་འཁོར་ནང་འཛུལ་བཞིན་པ།