རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་། གྲོང་ཁྱེར་སྤུས་ཀ་མཐོ་རུ་ཕྱིན།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་བྱེད་པའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། 2024ལོར་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ལྷ་ས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་མ་དངུལ་སྒོར་དུང་ཕྱུར་5.16བཏང་ནས་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་བཏང་ཞིང་། འདི་ནི་ལས་མིས་ལན་ཀན་ཐོག་མེ་ཏོག་བླུགས་སྒམ་སྒྲིག་སྦྱོར་བྱེད་བཞིན་པ།