2024ལོའི་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་སླར་ཡང་ཟིན་ཐོ་གསར་པ་བཏོད་པ།
ཉིན་ཤས་གོང་། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་43.85ཟིན་པ་དེ་དུས་མཚུངས་ལས་5%འཕར་ཡོད་པ་རེད། ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱིས་འགྲན་སློང་མང་པོར་ཁ་གཏད་བཅག་ནས་ཚོང་དོན་གཞི་ཁྱོན་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། འདི་ནི་ཧྲན་ཏུང་གྲུ་ཁ་ཆིང་ཏའོ་ཆན་ཝན་གྲུ་ཁར་ཕྱི་ཕྱོགས་ཚོང་དོན་གྱི་དོས་སྒམ་བླུགས་པའི་ཟོག་འདྲེན་གྲུ་གཟིངས་ཁ་འགོག་བཞིན་པ། (མི་མེད་གནམ་གྲུས་པར་བརྒྱབ)