ཧུའུ་ནན་ལིའུ་དབྱང་གིས་གསར་གཏོད་དང་ཚན་རྩལ་སྡེབ་ནས་གནའ་བོའི་ཤོག་སྦག་ལ་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།
ཉེ་བའི་ལོ་ཤས་རིང་། ལིའུ་དབྱང་གི་ཤོག་སྦག་ཐོན་ལས་རྒྱུན་ཆད་མེད་པར་གསར་གཏོད་དང་རིམ་སྤོར་བྱས་ཤིང་། ཚན་རྩལ་གྱི་ནུས་པ་འདོན་སྤྲོད་བྱས་པའི་ཐོག་རིག་གནས་ཤུགས་རྐྱེན་བསྣན་པས། ཤོག་སྦག་ཐོན་ལས་ཧྲིལ་པོར་གསོན་ཤུགས་གསར་པ་རྒྱས་པར་སྐུལ་ཁྲིད་བྱས་ཡོད། ལིའུ་དབྱང་གི་ཤོག་སྦག་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་ཡང“00ནང་སྐྱེས”ཀྱི་གཞོན་ནུ་མང་པོས་དོ་ཁུར་དང་དེའི་ནང་ཞུགས་ཡོད་པ་རེད། འདི་ནི་ཧུའུ་ནན་ཞིང་ཆེན་ལིའུ་དབྱང་གྲོང་ཁྱེར་གྱི་ཤོག་སྦག་ཁེ་ལས་ཤིག་ཏུ་ཉོ་སྒྲུབ་ཚོང་པས་ཨང་རྟགས་བཤར་འབེབས་བྱས་ནས་ཤོག་སྦག་སྤར་རྗེས་ཀྱི་རྣམ་པར་ལྟ་བཞིན་པ།