དབུ་ཤོག>པར་མཛོད།>པར་མཁན།
  • དཔྱིད་གསར་སྐྱེལ་འདྲེན་བསུས། ཉམས་གསོའི་ལས་ལ་བྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-16

    འདི་ནི་ཡན་ཐའེ་མཚོ་ལམ་གསལ་རྟགས་ཁྲུའུ་ཡི་ལས་དོན་པས་ཧྲན་ཏུང་ཡན་ཐའེ་མཚོ་ཁོངས་སུ་ཆུ་སྟེང་སྒྲོན་རྟགས་ལ་ཞིབ་བཤེར་ཉམས་བཟོ་བྱེད་བཞིན་པ།

    འདི་ནི་ལས་དོན་པས་ནན་ཅིང་ལྷོ་ཕྱོགས་ཤུགས་འགྲེམས་མེ་འཁོར་བཀོལ་སྤྱོད་སུའོ་ཡི་ཞིབ་བཤེར་ཉམས་བཟོ་འཁོར་ཁང་དུ་ཤུགས་འགྲེམས་མེ་འཁོར་ལ་ཞིབ་བཤེར་ཉམས་བཟོ་བྱེད་བཞིན་པ།

    འདི་ནི་ཧའེ་ཁོའུ་མེ་ལན་རྒྱལ་སྤྱིའི་གནམ་ཐང་གི་གནམ་གྲུ་བབས་སར་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིའི་ལག་རྩལ་ཡན་ལག་ཀུང་སིའི་འཕྲུལ་གཉེར་ལག་རྩལ་ཆེ་མོ་བས་གནམ་གྲུར་ནན་ཏན་ངང་ཞིབ་བཤེར་བྱེད་བཞིན་པ།

    དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་ས་གནས་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྒྲིག་ཆས་ལ་ཞིབ་བཤེར་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་དཔྱིད་གསར་སྐྱེལ་འདྲེན་རིང་གི་བདེ་འཇགས་འགན་ལེན་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།