སི་ཁྲོན་ཁྲེང་ཏུའུ་ཡིས་འཛད་སྤྱོད་རྣམ་པ་གསར་པ་མགྱོགས་མྱུར་གསར་གཏོད་རིམ་སྤོར་བྱས་པ།
འཛད་སྤྱོད་ཁྲོམ་ར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། བརྩེ་སེམས་ཉམས་ལེན་དང་རང་འདོད་མངགས་བཟོ་དེ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བའི་འཛད་སྤྱོད་བྱེད་ཕྱོགས་ཤིག་ཏུ་འགྱུར་བཞིན་ཡོད། སི་ཁྲོན་ཁྲེང་ཏུའུ་ཡིས་དར་སོའི་དངོས་ཟོག་དང་སྤུས་ལེགས་འཚོ་བ་སོགས་འཛད་སྤྱོད་དགོས་མཁོ་དེ་ཁྱོན་ཡོངས་འཛད་སྤྱོད་ཐོན་ཁུངས་དང་ཟླ་སྒྲིག་བྱས་པས། སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་མགྱོགས་མྱུར་གསར་གཏོད་རིམ་སྤོར་ཡོང་རྒྱུར་སྐུལ་འདེད་ཐེབས་ཏེ། འཛད་སྤྱོད་པའི་དགོས་མཁོ་སྐོང་གི་ཡོད་པ་རེད། འདི་ནི་ཉེ་ཆར། ཁྲེང་ཏུའུ་ཐེན་ཧྥུའུ་ཁུལ་གསར་དུ་གནས་པའི་གཱ་ཕི་པཱ་ལཱའི་བརྗོད་དོན་གཙོ་བོའི་དགའ་ཚལ་དུ་མི་རྣམས་རྩེད་འཇོར་རོལ་བཞིན་པ།