ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་ཕྲུ་གུ་ཞིག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ནས་མ་དོན་གོང་སྨན་པས་ཁྱིམ་བདག་ལ་དོ་སྣང་བྱེད་དགོས་པའི་དོན་གནད་གསལ་བཤད་བྱེད་པ།
འདི་ནི་ཟླ་1ཚེས་11ཉིན། ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་ཕྲུ་གུ་ཞིག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ནས་མ་དོན་གོང་སྨན་པས(གཡོན)ཁྱིམ་བདག་ལ་དོ་སྣང་བྱེད་དགོས་པའི་དོན་གནད་གསལ་བཤད་བྱེད་བཞིན་ཡོད་པ་དང་། ཕྲུ་གུ་དེ་ནི་ལྷ་རྩེ་རྫོང་གྲའུ་ཤང་ལྕགས་ཁ་གྲོང་ཚོ་ནས་ཡིན་པ་དང་ཟླ་བ་ལྔ་ལས་ལོན་མེད་ལ་ད་རེས་ཀྱི་ས་ཡོམ་ཁྲོད་སྨན་ཁང་གིས་སྨན་བཅོས་བྱེད་པར་བསྡུས་པའི་ནད་པའི་གྲས་ཀྱི་ལོ་ཆུང་ཤོས་རེད། མིག་སྔར་ཁྱིམ་མི་ཚང་མ་གྲོང་ཚོར་ལོག་ནས་བཀོད་སྒྲིག་བྱ་ཡུལ་དུ་བསྡད་ཡོད།