ས་མཐོའི་འཁྱགས་ཕུག་རི་མོ་ཇི་བཞིན་མཛེས།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོ་ནས་འཁྱགས་ཕུག་ཆེན་པོ་ཞིག་རྙེད་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་དེར“ཕུ་ཡུལ་འཁྱགས་ཕུག”ཅེས་འབོད་ཀྱི་ཡོད། རྩད་ཞིབ་ཐིག་ལེན་རགས་ཙམ་བྱས་པར་གཞིགས་ན། འཁྱགས་ཕུག་དེའི་གཏིང་ཚད་ལ་སྨི་152དང་ཞེང་ཚད་ལ་སྨི་18.2ལྷག་ཙམ་ཡོད་པ་རེད། འདི་ནི་འཁྱགས་ཕུག་ནང་གི་མཛེས་ལྗོངས་ཡིན་པ།