བོད་ཀྱི་མིག་མངས་ཡོངས་བསྒྲགས་འགྲན་བསྡུར་སྐབས་གཉིས་པ་གཉེར་བ།
འདི་ནི་བདམས་ཐོན་པས་བྱ་དགའ་ལེན་བཞིན་པ།
འདི་ནི་འགྲན་བསྡུར་བྱེད་ཡུལ་ཡིན་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་མིག་མངས་མཐུན་ཚོགས་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་སློབ་གསོ་ཅུས་ཀྱིས་མཛུབ་ཁྲིད་དང་། སྟོད་ལུང་བདེ་ཆེན་ཆུས་སློབ་གསོ་ལུས་རྩལ་ཅུས་དང་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་ལྟེ་བའི་སློབ་ཆུང་གིས་གཙོ་གཉེར་བྱས་པའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་བོད་ཀྱི་མིག་མངས་ཡོངས་བསྒྲགས་འགྲན་བསྡུར་སྐབས་གཉིས་པ་གཉེར་འགོ་ཚུགས་པ་རེད།
ད་རེས་ཀྱི་འགྲན་བསྡུར་རིང་། རྒྱལ་པོ་རྒྱལ་རྩེད་མིག་མངས་ཀྱི་དར་མའི་ཚོགས་ཆུང་དང་། བྱིས་པའི་ཚོགས་ཆུང་། གཞོན་ནུའི་ཚོགས་ཆུང་། བོད་ཀྱི་མིག་མངས་བྱིས་པའི་ཚོགས་ཆུང་། འགྲིག་རྩེད་མིག་མངས་ཀྱི་བྱིས་པའི་ཚོགས་ཆུང་བཅས་ཚོགས་ཆུང་ཁག་5ལ་བགོས་ནས་སྤེལ་བར། བོད་ཀྱི་མིག་མངས་ལ་དགའ་པོ་ཡོད་མཁན་136འགྲན་བསྡུར་ལ་ཞུགས་ཡོད་པ་རེད།