དིང་རི་རྫོང་གྲམ་སོ་ཤང་ཟིང་དཀར་གྲོང་ཚོར་ལས་དོན་པས་སྤོ་བདེའི་ཁང་པ་བསྐྲུན་བཞིན་པ།
ཟླ་1ཚེས་10ཉིན་ནི་ས་ཡོམ་རིམ་པ་6.8བརྒྱབ་པའི་དིང་རི་རྫོང་གི་གེགས་ཁུལ་དུ་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་བའི་ཉིན་བཞི་པ་ཡིན་པ་དང་། དིང་རི་རྫོང་གི་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་གྲམ་སོ་ཤང་གི་བཀོད་སྒྲིག་ས་ཚིགས་མང་པོར་སྤོ་བདེའི་ཁང་པ་གང་མགྱོགས་བསྐྲུན་བཞིན་ཡོད་པ་དང་མགུ་རིང་གྲོང་ཚོའི་ཡུལ་མི་ཁག་དང་པོ་ཚེས་10ཉིན་གྱི་ཕྱི་དྲོར་སྤོ་བདེའི་ཁང་པར་སྤོས་ཡོད། འདི་ནི་གྲམ་སོ་ཤང་ཟིང་དཀར་གྲོང་ཚོར་ལས་དོན་པས་སྤོ་བདེའི་ཁང་པ་བསྐྲུན་བཞིན་པ།