དབུ་ཤོག>པར་མཛོད།
  • ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་ཤང་དང་གྲོང་ཚོ་ཚང་མར་འཕྲིན་གཏོང་དྲ་རྒྱའི་ཞབས་ཞུ་སླར་གསོ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-10

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་8ཉིན། ཆུ་ཚོད་2དང་སྐར་མ་34ལ་ཀྲུང་གོ་གློག་འཕྲིན་གྱིས་ཆུ་སྟེང་ཤང་གི་བརྒྱུད་གཏོང་འོད་སྐུད་ཉམས་བཟོ་མགྱོགས་མྱུར་བྱས་རྗེས། དིང་རི་རྫོང་གི་ཞབས་འདེགས་ཞུ་མཚམས་ཆད་པའི་གློག་འཕྲིན་སྦྲེལ་ཚིགས་35ཚང་མ་རྒྱུན་ལྡན་བཞིན་སླར་གསོ་བྱུང་བ་དང་། ཚེས་8ཉིན་གྱི་ཆུ་ཚོད་9དང་སྐར་མ་27ལ་ཀྲུང་གོ་མཉམ་འབྲེལ་འཕྲིན་གཏོང་གིས་ཆུ་ལྷོ་ཤང་གི་འཕྲིན་གཏོང་བརྡ་རྟགས་ཉམས་གསོ་མགྱོགས་མྱུར་བྱས་པ་དང་ཆབས་ཅིག དིང་རི་རྫོང་གི་མཉམ་འབྲེལ་འཕྲིན་གཏོང་བརྡ་རྟགས་ཚང་མ་ཤར་གཏོང་ཐུབ་པ། ཚེས་8ཉིན་གྱི་ཆུ་ཚོད་11དང་སྐར་མ་48ལ་གྲམ་སོ་ཤང་བྱང་དཀར་གྲོང་ཚོའི་ཞབས་འདེགས་ཞུ་མཚམས་ཆད་པའི་སྦྲེལ་ཚིགས་མཐའ་མ་དེ་ཉམས་བཟོ་མགྱོགས་མྱུར་བྱས་པ་དང་ཆབས་ཅིག དིང་རི་རྫོང་གི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་ཀྲུང་གོ་སྒུལ་བདེའི་ཞབས་འདེགས་ཞུ་མཚམས་ཆད་པའི་སྦྲེལ་ཚིགས་ཚང་མ་ཉམས་བཟོ་བྱས་ནས་ཤར་གཏོང་ཐུབ་ཡོད། དེ་ཐོག་ནས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8བརྒྱབ་པའི་གེགས་ཁུལ་གྱི་ཤང་དང་གྲོང་ཚོ་ཚང་མར་འཕྲིན་གཏོང་དྲ་རྒྱའི་ཞབས་ཞུ་སླར་གསོ་བྱུང་བ་མཚོན་གྱི་ཡོད།

    བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་8ཉིན་གྱི་ཆུ་ཚོད་12བར། བོད་ལྗོངས་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་འཕྲལ་སྡོམ་མྱུར་བཟོ་བ་མི་ཐེངས་423དང་། འཕྲལ་སྡོམ་རླངས་འཁོར་ཐེངས་133 སྣུམ་འཕྲུལ་123 སྟབས་བདེའི་སྲུང་སྐར་ས་ཚིགས་9 སྲུང་སྐར་ཁ་པར་450 དེ་བཞིན་མི་མེད་གནམ་གྲུའི་བར་སྣང་སྦྲེལ་ཚིགས་2བཅས་བཏང་ནས་གཞིས་རྩེའི་འཕྲིན་གཏོང་དྲ་རྒྱའི་ཞབས་ཞུར་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།