འབྲས་སོག་ཚུར་བསྡུ་བྱས། གོ་ཆོད་ཆེ་རུ་སོང་།
ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཚའོ་ཧྥེ་ཏན་ཆུས་ཀྱིས་སོག་མ་བེད་སྤྱོད་བྱེད་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། འབྲས་སོག་གཅིག་སྡུད་ཐོག་བསྡུ་རུབ་ཀྱིས་ཕྱུགས་རིགས་ཀྱི་གཟན་རྩྭ་དང་། འབྲས་སོག་ཐོན་རྫས་ལས་སྣོན། སྐྱེ་ལྡན་དངོས་རྫས་གློག་འདོན་སོགས་ལ་སྤྱད་ནས་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་མཐོ་རུ་ནུས་ལྡན་བཏང་བ་དང་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བས། ཞིང་ལས་རྒྱུན་འཁོར་འཕེལ་རྒྱས་ཡག་པོ་མངོན་འགྱུར་བྱུང་ཡོད།
འདི་ནི་ཐང་ཧྲན་གྲོང་ཁྱེར་ཚའོ་ཧྥེ་ཏན་ཆུས་ཞིང་ར་བརྒྱད་པའི་ཞིང་ཁར་ཁ་ལོ་བས་ཞིང་འཕྲུལ་བཏང་ནས་འབྲས་སོག་བསྡུ་བཞིན་པ།