ལྷོ་ཁ་མེ་འཁོར་འབབ་ཚུགས་ཀྱིས་དགུན་གསེང་རིང་སློབ་མ་ཕ་ཡུལ་དུ་ལོག་པར་འགན་ལེན་བྱས་པ།
འདི་ནི་ལྷོ་ཁ་མེ་འཁོར་འབབ་ཚུགས་ཀྱི་ལས་དོན་པས་སྤ་སེ་བཤེར་སའི་སྒྲིག་ལམ་སྲུང་བཞིན་པ།
འདི་ནི་སློབ་མ་ཚོ་ལྷོ་ཁ་མེ་འཁོར་འབབ་ཚུགས་ཀྱི་ཆེད་སྤྱོད་བགྲོད་ལམ་ནས་སྐྱོད་བཞིན་པ།
ཉེ་ཆར། དགུན་གསེང་རིང་ཕ་ཡུལ་དུ་ལོག་མཁན་སློབ་མར་ཞབས་འདེགས་དེ་བས་ཡག་པོ་ཞུ་ཆེད། ལྷོ་ཁ་མེ་འཁོར་འབབ་ཚུགས་ཀྱིས་ས་གནས་དེ་གའི་སློབ་གྲྭ་ཁག་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ། ཕ་ཡུལ་དུ་ལོག་མཁན་སློབ་མའི་ཞིབ་ཕྲའི་མི་གྲངས་དང་། སྤ་སེ། མེ་འཁོར་དུ་སྡོད་པའི་དགོས་མཁོ་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་རྒྱུས་ལོན་བྱས་པ་མ་ཟད། སློབ་མའི་སྤ་སེའི་ཆེད་དོན་སྐར་ཁུང་མང་དུ་བཏང་བ་དང་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་ཁྲིད་སྟོན་ཡང་བྱས་ཡོད།