ལྷ་ས་ནས་ཁྲུང་ཆིང་བརྒྱུད་སིང་ཀ་ཕོར་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ།
འདི་ནི་ལྷ་ས་ནས་ཁྲུང་ཆིང་བརྒྱུད་སིང་ཀ་ཕོར་བར་གྱི་རྒྱལ་སྤྱིའི་མཁའ་ལམ་གསར་པར་འཕུར་སྐྱོད་ལས་འགན་ཐེངས་དང་པོ་སྒྲུབ་བཞིན་པའི་ནུབ་རྒྱུད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་PN6425ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་འབབ་བཞིན་པ།
འདི་ནི་ལྷ་སའི་ས་ངོས་ལས་དོན་པས་ལྷ་ས་ནས་ཁྲུང་ཆིང་བརྒྱུད་སིང་ཀ་ཕོར་བར་གྱི་རྒྱལ་སྤྱིའི་མཁའ་ལམ་གསར་པར་འཕུར་སྐྱོད་ལས་འགན་ཐེངས་དང་པོ་སྒྲུབ་བཞིན་པའི་ནུབ་རྒྱུད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་PN6425ཡི་གནམ་གྲུའི་ལས་དོན་པར་ཁ་བཏགས་གཡོག་བཞིན་པ།
ཉེ་ཆར། ནུབ་རྒྱུད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་PN6425ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་བདེ་བླག་ངང་འཕུར་བ་དེ་ཐོག་ནས་ལྷ་ས་ནས་ཁྲུང་ཆིང་བརྒྱུད་སིང་ཀ་ཕོར་བར་གྱི་རྒྱལ་སྤྱིའི་མཁའ་ལམ་གསར་པ་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད།
ད་ཐེངས་ཀྱི་འགྲུལ་ལམ་འདི་ནུབ་རྒྱུད་མཁའ་འགྲུལ་གནམ་གྲུ་A319རྟགས་ཅན་གྱིས་འཕུར་འགན་འཁུར་ཞིང་། གཟའ་འཁོར་རེའི་གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་པ་སངས་བཅས་ལ་ལྷ་ས་ནས་འཕུར་ཏེ་ཁྲུང་ཆིང་བརྒྱུད་ཕྱི་ཉིན་གྱི་ཐོ་རེངས་སུ་སིང་ཀ་ཕོར་དུ་འབྱོར་གྱི་ཡོད། ཕྱིར་ལོག་དུས་གཏན་གནམ་གྲུ་གཟའ་འཁོར་རེའི་གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་སྤེན་པ་བཅས་སུ་སིང་ཀ་ཕོར་ནས་འཕུར་ཏེ་ཁྲུང་ཆིང་བརྒྱུད་ལྷ་སར་ཕྱིར་ལོག་གི་ཡོད།