དབུ་ཤོག>པར་མཛོད།>པར་མཁན།
  • རྒྱལ་ཡོངས་ལྕགས་ལམ་གྱིས་ཟླ་1ཚེས་5ཉིན་ནས་མེ་འཁོར་གྱི་འཁོར་སྐྱོད་དཔེ་རིས་གསར་པ་ལག་བསྟར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-06

    ཟླ་1ཚེས་5ཉིན་གྱི་ཆུ་ཚོད་བཅུ་གཉིས་པ་ནས་བཟུང་རྒྱལ་ཡོངས་ལྕགས་ལམ་གྱིས་མེ་འཁོར་འཁོར་སྐྱོད་དཔེ་རིས་གསར་པ་ལག་བསྟར་བྱས་པ་རེད། དཔེ་རིས་ལེགས་སྒྲིག་བྱས་རྗེས་རྒྱལ་ཡོངས་ལྕགས་ལམ་གྱིས་ཡུལ་སྐོར་མེ་འཁོར་ཐེངས་གྲངས་13028བཀོད་སྒྲིག་བྱས་པ་དེ་ད་ལྟ་ལས་མེ་འཁོར་ཐེངས་གྲངས་230མང་དུ་ཕྱིན་པ་དང་། དངོས་ཟོག་སྐྱེལ་འདྲེན་མེ་འཁོར་ཐེངས་གྲངས་22859བཏང་བ་དེ་ད་ལྟ་ལས་མེ་འཁོར་ཐེངས་གྲངས་91མང་དུ་ཕྱིན་ནས། ལྕགས་ལམ་གྱི་འགྲུལ་ཟོག་སྐྱེལ་འདྲེན་ནུས་པ་དང་། ཞབས་ཞུའི་སྤུས་ཚད། འཁོར་སྐྱོད་ལས་ཕྱོད་བཅས་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

    འདི་ནི་ཅང་སུའུ་དབྱང་ཀྲོའུ་རུ་ཤུགས་འགྲེམས་མེ་འཁོར་ཚོགས་ཆུང་གི་མེ་འཁོར་ཞིག་ལན་ཧོའེ་དབྱང་གྲོང་རྡལ་ལྕགས་ལམ་དབྱང་ཀྲོའུ་དུམ་བུ་ནས་སྐྱོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།