ཁམ་བུ་དབྱང་ཐའོ་ཡི་ལོ་ལེགས་ཀྱི་དུས་ཚིགས་ཤར་བ།
ཉེ་ཆར། ཧྥུའུ་ཅན་ཞིང་ཆེན་ཡུན་ཞའོ་རྫོང་ཤ་ཧོ་ཤང་ཤ་ཧོ་གྲོང་ཚོར་ཁམ་བུ་དབྱང་ཐའོ་ཡི་ལོ་ལེགས་ཀྱི་དུས་ཚིགས་ཤར་ཡོད། ཤ་ཧོ་གྲོང་ཚོར་ཁམ་བུ་དབྱང་ཐའོ་མུའུ་7000ཙམ་འདེབས་འཛུགས་བྱས་ཡོད་པ་དང་། གྲོང་ཚོ་དེས་ཁམ་བུ་དབྱང་ཐའོ་ཡི་ཐོན་ལས་ཀ་རྟེན་དུ་བྱས་ཏེ“ཐོན་ལས་གཉིས་པའི”ཁམ་བུ་དབྱང་ཐའོ་ལས་སྣོན་ཐོན་ལས་དང“ཐོན་ལས་གསུམ་པའི”གྲོང་གསེབ་ཡུལ་སྐོར་ཐོན་ལས་ཀྱི་གདུབ་ཟུམ་བཏོད་པས། ཐོན་ལས་གསུམ་མཉམ་འདྲེས་གཅིག་སྡུད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་ཡོད། འདི་ནི་ཉིན་ཤས་གོང་གྲོང་མི་ཝུའུ་སུའུ་ཧྭ་ཡིས་ཁམ་བུ་དབྱང་ཐའོ་ལ་ཐུམ་སྒྲིལ་རྒྱག་བཞིན་པ།