རྒྱལ་ཐོན་གནམ་གྲུ་C909ཡི་རྒྱལ་ཐོན་འགོག་སྒུལ་མ་ལག་གི་ར་སྤྲོད་འཕུར་སྐྱོད་ལེགས་གྲུབ་བྱུང་བ།
ཉིན་ཤས་གོང་། ཧྭ་ཞ་མཁའ་འགྲུལ་གྱི་རྒྱལ་ཐོན་གནམ་གྲུ་C909བརྟན་པོའི་ངང་ཁྲུང་ཆིང་གྲོང་ཁྱེར་དབན་ཀྲོའུ་ཆུས་དབན་ཀྲོའུ་ཝུའུ་ཆའོ་གནམ་ཐང་དུ་བབས་པ་དེ་ཐོག་ནས། བཟོ་དབྱིབས་འདིའི་གནམ་གྲུའི་རྒྱལ་ཐོན་འགོག་སྒུལ་མ་ལག་གི་ར་སྤྲོད་འཕུར་སྐྱོད་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་བ་མཚོན་ཡོད། འདི་ནི་ཁྲུང་ཆིང་དབན་ཀྲོའུ་ཝུའུ་ཆའོ་གནམ་ཐང་དུ་ལས་དོན་པས་ད་ཐེངས་ར་སྤྲོད་འཕུར་སྐྱོད་ཚོད་ལྟ་བྱེད་པའི་རྒྱལ་ཐོན་གནམ་གྲུ་C909ལ་ཞིབ་བཤེར་བྱེད་བཞིན་པ།