དགུན་དུས་ཀྱི་དྲོད་ཁང་ཆེན་པོ་སྔོ་ཐིང་ངེར་གནས་པ།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཞི་ཁྱོན་ཅན་གྱི་སྔོ་ཚལ་འདེབས་འཛུགས་དང་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད། དགུན་དུས་གནམ་གཤིས་རིམ་བཞིན་གྲང་དུ་ཕྱིན་ན་ཡང་དྲོད་ཁང་ནང་དྲོ་སོབ་སོབ་ཡོད་པ་དང་སྔོ་ལྗང་གི་ཧོང་ཀྭ་དང་སྲོ་ལོ་སྔོན་པོ་སོགས་སྔོ་ཚལ་སྣ་ཚོགས་སྐྱེ་འཚར་ཧ་ཅང་ཡག་པོ་ཡོད་པ་རེད།
འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་རོས་འགྱེས་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ནང་་ལས་མིས་སྔོ་ཚལ་གྱི་སྐྱེ་འཚར་ལ་ལྟ་བཞིན་པ།