མེ་ཟོན་འཕྲལ་སྡོམ་གྱི་གསོ་སྦྱོང་བྱས་པ།
ཉེ་དུས་རྒྱལ་ཁབ་གློག་དྲ་བྲག་ཡིབ་ཆུས་གློག་གཏོང་ཀུང་སིས་བྲག་ཡིབ་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་མཉམ་དུ་ཁེ་ལས་ཀྱི་ལས་བྱེད་ལས་བཟོར་དམིགས་ནས་མེ་ཟོན་འཕྲལ་སྡོམ་གྱི་གསོ་སྦྱོང་བྱས་པ་རེད། བྱེད་སྒོ་སྤེལ་རིང་མེ་ཟོན་པས་ཐོན་མ་ཐག་པའི་མེ་གསོད་ཐབས་དང་དེ་བཞིན་ཁ་གཏད་གཅོག་ཐབས་དང་མེ་སྐྱོན་ཆེ་རུ་ཕྱིན་རྗེས་ཀྱི་ཁ་གཏད་གཅོག་ཐབས་དང་དེ་བཞིན་བྲོས་ཐབས་དང་གློག་རླངས་སྒྲིག་ཆས་ལས་ཐོན་པའི་མེ་སྐྱོན་ལ་ཁ་གཏད་གཅོག་ཐབས་སོགས་ཐད་རིགས་པའི་གཞུང་ལུགས་ཀྱི་འཆད་ཁྲིད་དང་སྤྱོད་སྟངས་གསོ་སྦྱོང་བྱས་པ་མ་ཟད། གཞུང་ལས་ཁང་དུ་མེ་ཤོར་ཚེ་ཇི་ལྟར་བྲོས་དགོས་པ་དང་མེ་གསོད་ཐབས་ནང་སྦྱོང་བྱས་ཏེ། གསོ་སྦྱོང་ནང་ཞུགས་མཁན་གྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་ཡོད། འདི་ནི་མེ་ཟོན་པས་རྒྱལ་ཁབ་གློག་དྲ་བྲག་ཡིབ་ཆུས་གློག་གཏོང་ཀུང་སིའི་ལས་བཟོར་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།