དང་བླངས་པས་མང་ཚོགས་ལ་དམངས་ཕན་སྲིད་ཇུས་གསལ་འགྲེལ་བྱེད་བཞིན་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གིས“ཇ་ཁང་དུ་ཏང་གི་བཀའ་དྲིན་གླེང་། བདེ་སྐྱིད་འཚོ་བས་མི་སེམས་བདེ་ལ་འཁོད”ཅེས་པའི་བརྗོད་དོན་གཙོ་བོའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། དང་བླངས་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་དམ་པོར་དམིགས་ཏེ་མང་ཚོགས་ལ་སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྒྱུར་བཅོས་བྱ་ཐབས་དང་སྲིད་ཇུས་གསལ་འགྲེལ་བྱས་པ་རེད། འདི་ནི་དང་བླངས་པས་མང་ཚོགས་ལ་དམངས་ཕན་སྲིད་ཇུས་གསལ་འགྲེལ་བྱེད་བཞིན་པ།