དམངས་འཚོའི་གནས་རྟགས་གསར་པ།
དམངས་འཚོ་སྔར་བས་ལེགས་སུ་གཏོང་བ་དང་གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྲོང་ཤར་སྐུ་འབུམ་ཐང་ཞིང་ཟོག་ཁྲོམ་ར་གྲ་སྒྲིག་ཟིན་རྗེས་ཚོད་ལྟའི་ཚོང་གཉེར་བྱེད་འགོ་ཚུགས་ཡོད། ཁྲོམ་ར་དེར་སྔོ་ཚལ་ཁུལ་དང་། ཤ་རིགས་ཁུལ། ཆུ་ཐོན་དངོས་རྫས་ཁུལ་སོགས་དབྱེ་ཡོད་པ་མ་ཟད། ད་དུང་ཞིང་ལས་ཐོན་རྫས་འགྲེམས་ཚོང་ཁུལ་དང་སྔོ་ཚལ་གྱི་ཞིང་སྨན་སྙིགས་རོ་བརྟག་བཤེར་ཁང་ཡང་བཙུགས་ཡོད། ཁྲོམ་ར་བདེ་བླག་ངང་འཁོར་རྒྱུག་ཐུབ་པ་དེས་ལྷ་སའི་གྲོང་མིར་དེ་བས་སྐྱིད་སྣང་དོད་ལ་སྟབས་བདེ་བའི་ཉོ་སྒྲུབ་ཁོར་ཡུག་བསྐྲུན་ཡོད། འདི་ནི་གྲོང་མིས་ཤ་ཉོ་བཞིན་པ།