གངས་འཁྱགས་ལུས་རྩལ་རྩེ་བ།
ཟླ་12ཚེས་21ཉིན། རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་མཉམ་དུ་གཙོ་གཉེར་བྱས་པའི་2024ལོའི་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པར་གངས་འཁྱགས་ལུས་རྩལ་སྤེལ་བའི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་ལྷ་ས་གྲོང་ཁྱེར་མལ་གྲོ་གོང་དཀར་རྫོང་གི་རི་མང་གངས་ཤུད་ར་བར་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོའི་ཐོག་གངས་ཁྲོད་ཐན་ཁེ་དང་། གངས་ཁྲོད་སྦག་སྦག གངས་རྩེད། རང་མོས་གངས་ཤུད་སོགས་ནང་དོན་མང་པོ་བཀོད་སྒྲིག་བྱས་ཡོད་པར་ལྗོངས་ཐད་གཏོགས་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ལས་བྱེད་པ་དང་ལས་བཟོ་400ལྷག་ཞུགས་ཡོད་པ་རེད། འདི་ནི་ལས་བྱེད་པ་དང་ལས་བཟོ་ཚོས་གངས་ཤུད་རྣམ་གྲངས་ཉམས་ལེན་བྱེད་བཞིན་པ།