དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • བྱིས་པ་བདེ་སྐྱིད་ངང་འཚར་ལོངས་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-20

    འདི་ནི་སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་བུ་བཅོལ་ཁང་གི་སློབ་མས་སློབ་གྲྭར་འཚོ་བཅུད་ལྡན་པའི་དགུང་ཟས་ཟ་བཞིན་པ།

    འདི་ནི་སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་བུ་བཅོལ་ཁང་གི་སློབ་མས་རང་ཉིད་ཀྱིས་བྲིས་པའི་རི་མོ་སྟོན་བཞིན་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་གཏོང་སྟངས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཤིང་། ཞིང་འབྲོག་ཁུལ་གྱི་སྐད་གཉིས་བུ་བཅོལ་ཁང་འཛུགས་སྐྲུན་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བ་བརྒྱུད། སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་འབོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ལ་ཁྱབ་གདལ་གཏོང་ཚད་ཀྱང་མགྱོགས་མྱུར་མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞུང་བཙུགས་བུ་བཅོལ་ཁང་ངམ་ཡང་ན་གྲོང་ཚོ(སྡེ་ཁུལ)ཡི་དམངས་བཙུགས་བུ་བཅོལ་ཁང་གང་ཞིག་ཡིན་རུང་བུ་བཅོལ་ཁང་ཁག་གི་སློབ་ཁང་དང་། ཉལ་ཁང་། རྩེད་ཆས། སློབ་ཁྲིད་ཡོ་བྱད་སོགས་མཁྲེགས་ཆས་དང་དེ་བཞིན་དགེ་རྒན་དང་སློབ་ཚན་སོགས་མཉེན་ཆས་ཀྱི་ཆ་རྐྱེན་ཉིན་བཞིན་ཇེ་འཛོམས་སུ་ཕྱིན་ནས། བུ་བཅོལ་ཁང་དེ་ཉིད་ཕྲུ་གུ་ཚོའི་བདེ་སྐྱིད་ཀྱི་དགའ་ཚལ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།