ཕན་ཤིན་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ལྕགས་ལམ་འདིང་བའི་ཨར་ལས་དུས་མཚམས་སུ་སླེབས་པ།
ཀུའེ་ཀྲོའུ་ཞིང་ཆེན་ཕན་ཀྲོའུ་ནས་ཤིན་དབྱིའི་བར་གྱི་ལྕགས་ལམ་འདིང་ཡུལ་དུ། རིང་ཚད་ལ་སྨི་500ཡོད་པའི་ལམ་ལྕགས་དང་པོ་དེ་བརྟན་ལ་གནད་འཁེལ་པོས་ལྕགས་ལམ་འདིང་སའི་ལམ་གདན་དུ་བཏིང་བ་དང་བསྟུན་ནས། ཀུའེ་ཀྲོའུ་ཞིང་ཆེན་གྱི“གྲོང་ཁྱེར་ཚང་མར་མྱུར་བགྲོད་ལྕགས་ལམ་ཤར་བགྲོད་ཐུབ་པའི”རྣམ་གྲངས་མཐའ་མ་སྟེ། ཕན་ཤིན་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ལྕགས་ལམ་འདིང་བའི་ཨར་ལས་དུས་མཚམས་སུ་སླེབས་པ་མཚོན་ཡོད་པ་རེད།
འདི་ནི་ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ལས་དོན་པས་ལྕགས་ལམ་འདིང་བཞིན་པ།