སྤེལ་རེས་སློབ་སྦྱོང་བྱས། ལས་ཕྱོད་ཆེ་རུ་བཏང་།
གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ལས་བཟོས་རྩྭ་སྔོན་བྱེ་ཕུང་གླིང་གི་ཆུ་མགོར་ལྟ་སྐོར་བྱེད་བཞིན་པ།
གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ལས་བཟོས་ཨེ་ཤེ་ཡའི་བཙོག་ཆུ་དྭངས་གསིང་བཟོ་གྲྭ་ཆེ་ཤོས་པའེ་ལུང་དབན་བཙོག་ཆུ་དྭངས་གསིང་བཟོ་གྲྭར་ལྟ་སྐོར་བྱེད་བཞིན་པ།
གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ལས་བཟོ་རྣམས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་གསོ་སྦྱོང་འཛིན་གྲྭ་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུགས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ལས་བཟོ་41ཧྲང་ཧའེ་གྲོང་ཁྱེར་པའོ་ཝུའུ་ཚོགས་པས་གཉེར་བའི་དུས་ཡུན་གཟའ་འཁོར་གཅིག་གི་བརྟག་ཞིབ་སློབ་སྦྱོང་དང་སྤེལ་རེས་ཀྱི་བྱེད་སྒོར་ཞུགས་ཡོད། བྱེད་སྒོ་སྤེལ་རིང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གྲགས་ཅན་ཆེད་མངགས་གདན་དྲངས་ཏེ“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་དང་། བཟོ་ལས་ཁེ་ལས་ཀྱི་ཁོར་ཡུག་ལྟ་འདོམས། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཁོར་རྒྱུག་དོ་དམ།“ཐཱན་གཉིས”འཐབ་ཇུས་ལག་བསྟར་སོགས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་ཕྱོགས་ཡོངས་དང་ཆེད་ལས་ལྡན་པའི་སྒོ་ནས་གསལ་འགྲེལ་དང་ལས་སྒོར་མཛུབ་ཁྲིད་བྱས་ཡོད།