“བོད་ཀྱི་བྲོ་བ”མྱོང་རོལ་གཟའ་འཁོར་གྱི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ།
འདི་ནི“བོད་ཀྱི་བྲོ་བ”མྱོང་རོལ་གཟའ་འཁོར་བྱེད་སྒོར་ཚོང་པས་གྲོང་མི་ཚོར་ཞིམ་ཟས་ངོ་སྤྲོད་བྱེད་བཞིན་པ།
རང་ལྗོངས་ཀྱི་2024ལོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་ལག་བསྟར་དོན་འཁྱོལ་བྱས་ནས་འཛད་སྤྱོད་ཀྱི་གདེང་ཚོད་སྔར་བས་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཀྱི་གཏིང་ཤུགས་འཕེལ་བར་བྱ་ཆེད། ཚེས་14ཉིན། “དགུན་དུས་བོད་དུ་ཡུལ་སྐོར་བྱས་ནས་ཞིམ་ཟས་མྱོང་རོལ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“བོད་ཀྱི་བྲོ་བ”མྱོང་རོལ་གཟའ་འཁོར་གྱི་བྱེད་སྒོ་ལྷ་སར་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་མྱོང་རོལ་གཟའ་འཁོར་གྱི་བྱེད་སྒོ་ཟླ་12ཚེས་20ཉིན་བར་སྤེལ་རྒྱུ་ཡིན་ཞིང་། དེའི་རིང་ད་དུང་རིན་ཐང་སྒོར་ཁྲི་100རི་བའི་མྱོང་རོལ་གཟའ་འཁོར་གྱི་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུ་ཡིན་པས། འཛད་སྤྱོད་པས་སྐད་འཕྲིན་གྱི་གཏོང་སྤྲོད་སྤྱད་དེ་ཆ་རྐྱེན་འཛོམས་རིགས་ལ་གྲངས་ལོན་ཉུང་འཕྲིའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།