དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-15

    འདི་ནི་སྨན་གླིང་གྲོང་ཁྱེར་བམ་གྲོང་སྙི་བ་འདེབས་འཛུགས་རྟེན་གཞིའི་ལས་མིས་སྙི་བའི་སྐྱེ་འཚར་ལ་ལྟ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་གྱིས་ས་མཐོའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཁྲོམ་རའི་དགོས་མཁོར་གཞིགས་ཏེ“འདེབས་འཛུགས་རྟེན་གཞི་དང་། ཐོན་སྐྱེད་ལས་སྣོན། ཀྲུང་ལུགས་སྨན་རྩྭ་སྲུང་སྐྱོང་དང་རྒྱུན་འཛིན”བཅས་ཟུང་དུ་འབྲེལ་བའི་གནད་སྨིན་འཁོར་རྒྱུག་བྱེད་སྟངས་བརྒྱུད་ཡུལ་བབ་དང་བསྟུན་ཏེ་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་འཕེལ་རྒྱས་གཏོང་བ་དང་འདེབས་འཛུགས་དང་། ལས་སྣོན་ཞིབ་ཚགས། སྲུང་སྐྱོང་དང་རྒྱུན་འཛིན་བཅས་གཞི་གཅིག་ཏུ་འདུས་པའི་ཀྲུང་ལུགས་སྨན་རྩྭའི་ཐོན་ལས་མ་ལག་རྒྱུན་མཐུད་ངང་ལེགས་སྒྲིག་རིམ་སྤོར་བྱས་ཏེ་ཀྲུང་ལུགས་སྨན་རྩྭའི་ཐོན་ལས་གཞི་ཁྱོན་ཅན་དང་། ཞིབ་ལས་ཅན། དེང་རབས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།