དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོག་ཡུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-13

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གྱིས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་རྩིས་སྤྲད་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་20ལ་ཆ་མཚོན་ན། རིམ་སྤོར་ལག་རྩལ་གསར་རྐྱང་སྤྱད་པ་དང་། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་ཐུབ་ལ་ནུས་པ་ཆ་ཚང་བ། ཞིབ་དཔྱད་ཚད་ལེན་དང་ཉེན་བརྡ་གཏོང་བའི་མ་ལག་དང་གཞོགས་འདེགས་བཀག་གཏོང་མ་ལག་སྒྲིག་སྦྱོར་བྱས་ཡོད་པའི་ནང་སྤྱི་སྤྱོད་རླངས་འཁོར་10ལ་སྟེགས་འཁོར་འཛེགས་བབས་པང་ལེབ་ཀྱང་བསྒར་ཡོད། ཁག་ཐེངས་དེའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་བེད་སྤྱོད་བྱས་པ་ལས་གྲོང་མིར་དེ་བས་སྟབས་བདེ་བ་དང་། བདེ་འཇགས་ལྡན་པ། སྐྱིད་སྣང་དོད་པ་བཅས་ཀྱི་འགྲོ་སྐྱོད་ཀྱི་ཁོར་ཡུག་བཏོད་ཡོད། འདི་ནི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོག་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།