ལྷ་ས་སྐྱིད་ཆུར་ཅི་དགར་རོལ་བཞིན་པའི་དུས་བྱ།
ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་ཆུ་ལག་བཅོས་སྐྱོང་ལས་གྲྭ་ལག་བསྟར་བྱས་པས་ལྷ་ས་སྐྱིད་ཆུའི་ཉེ་འཁོར་གྱི་ཁོར་ཡུག་ཇེ་ཡག་ཏུ་སོང་ཞིང་། ལོ་ལྟར་གྱི་ཟླ་བ་10པའི་ཟླ་སྨད་ནས་བཟུང་ལྷ་སར་དགུན་སྒྲོལ་དུ་ཡོང་བའི་དུས་བྱ་མང་དུ་འགྲོ་བ་དང་ལྷ་ས་སྐྱིད་ཆུའི་འགྲམ་དུ་ཁྲུང་ཁྲུང་མགོ་ཁྲ་དང་། ཐིང་རིལ་མཆུ་དམར། ངང་སེར་སོགས་དུས་བྱ་མཐོང་རྒྱུ་ཡོད། འདི་ནི་ལྷ་ས་སྐྱིད་ཆུར་ཅི་དགར་རོལ་བཞིན་པའི་དུས་བྱ་ཡིན་པ།