དབུ་ཤོག>པར་མཛོད།>པར་མཁན།
  • མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་བཅུག་པའི་རྣམ་གྲངས་གསུམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-11

    འདི་ནི་གྲོང་མི་ཚོས་ཨའོ་མོན་དོན་གྲོས་ཁང་གི་མདུན་དུ་དཔྱིད་གསར་དུས་ཆེན་གྱི་གློག་སྒྲོན་ལ་ལྟ་བཞིན་པ། (2024ལོའི་ཟླ་1ཚེས་29ཉིན་པར་བརྒྱབ)

    འདི་ནི་ཧའེ་ནན་ཞིང་ཆེན་ལེ་ཏུང་ལི་རིགས་རང་སྐྱོང་རྫོང་དུ་བདམས་ཐོན་པ་ཚོས་ལག་རྩལ་འགྲན་བསྡུར་བྱ་ཡུལ་དུ་ལི་རིགས་ཀྱི་གོས་ཆེན་འཐག་བཞིན་པ། (2023ལོའི་ཟླ་4ཚེས་23ཉིན་པར་བརྒྱབ)

    འདི་ནི་ཁ་བ་བབས་རྗེས་ཀྱི་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཆིང་ཡོན་རྫོང་ནས་པར་བླངས་པའི་གནའ་ཟམ་གྱི་མཛེས་ལྗོངས་ཡིན་པ། (2024ལོའི་ཟླ་1ཚེས་23ཉིན་པར་བརྒྱབ)

    ཟླ་12ཚེས་5ཉིན། པ་ར་ཀུའེ་ཡ་སུང་སེན་དུ་འཚོག་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྲིད་གཞུང་དབར་གྱི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐབས་19པའི་ཐོག་དཔྱད་ཞིབ་བྱས་པ་བརྒྱུད། “ལི་རིགས་ཀྱི་སྲོལ་རྒྱུན་འཁེལ་འཐག་དང་། ཚོས་རྒྱག འཚེམ་དྲུབ་བཅས་ཀྱི་ལག་རྩལ”དང་། “ཆའང་རིགས་ཀྱི་ལོ་གསར”“ཀྲུང་གོའི་སྲོལ་རྒྱུན་གྱི་ཤིང་ཟམ་སྐྲུན་པའི་ལག་རྩལ”བཅས་འཕྲལ་དུ་སྲུང་སྐྱོང་བྱེད་དགོས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་བསྒྱུར་རྒྱུའི་གཏན་འབེབས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།