སྤྲོ་སྣང་ལྡན་པའི་སྒོར་གཞས་འཁྲབ།
ཟླ་12ཚེས་8ཉིན་གྱི་སྔ་དྲོར། བོད་ལྗོངས་ལུས་རྩལ་ཁང་དུ་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེན་པོ་བྱས་ཤིང་། ད་རེས་ཀྱི་འགྲན་བསྡུར་ནང་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་ནས་ཡོང་བའི་རུ་ཁག་11གི་མི་200ལྷག་ཙམ་ཞུགས་ཡོད་ཅིང་། འགྲན་བསྡུར་གྱི་རྣམ་གྲངས་ནི་རང་འདེམས་སྟངས་སྟབས་ཡིན་ལ་འགྲན་ཞུགས་རུ་ཁག་ཁག་གིས་རང་ཉིད་ཀྱིས་བརྩམས་པའམ་འདེམས་སྒྲུག་བྱས་པའི་ལུས་སྦྱོང་སྒོར་གཞས་ཆ་ཚང་ཞིག་བདམས་ནས་འགྲན་བསྡུར་ནང་ཞུགས་པ་ཞིག་རེད། འདི་ནི་འགྲན་བསྡུར་བྱེད་བཞིན་པ།