ཀྲུང་གོའི་རུ་ཁག་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་བསྲེས་ཚོགས་པའི་འཛམ་གླིང་བུམ་པའི་མཐའ་བསྡུར་ལ་ཚུད་པ།
ཉེ་ཆར། སི་ཁྲོན་ཁྲེང་ཏུར་འཚོགས་པའི་2024ལོའི་ཁྲེང་ཏུའུ་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་བསྲེས་ཚོགས་པའི་འཛམ་གླིང་བུམ་པའི་ཕྱེད་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་སྤྱིའི་བསྡུར་གྲངས་8:1གི་ཐོག་ནས་རོ་མ་ནི་ཡ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་མཐའ་བསྡུར་ལ་ཚུད་པ་རེད།
ཀྲུང་གོའི་རུ་ཁག་གི་མཉམ་སྒྲིག་ཝང་ཁྲུའུ་ཆིན(གཡོན)དང་སུན་དབྱིང་ཧྲ་མཉམ་བསྲེས་འགྲན་བསྡུར་ལ་ཞུགས་པ་དང་། མཐར་ཁོང་གཉིས་ཀྱིས་2:1གི་ཐོག་ནས་རོ་མ་ནི་ཡ་རུ་ཁག་གི་མཉམ་སྒྲིག་ཨའོ་ཝེ་ཏུའུ·གཡོད་ནེ་སི་ཁུའུ་དང་པོ་ན་ཏའེ་ཐེ·སི་ཙོ་ཁོ་སི་ལས་རྣམ་པར་རྒྱལ་བ་རེད།