རང་རྒྱལ་གྱི་འཕྲིན་གཏོང་ལག་རྩལ་གྱི་ཚོད་ལྟའི་སྲུང་སྐར་ཨང་བཅུ་གསུམ་པ་འཕེན་གཏོང་བདེ་བླག་བྱུང་བ།
ཟླ་12ཚེས་3ཉིན་གྱི་ཆུ་ཚོད་13དང་སྐར་མ་56ལ། རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་བཅུ་གསུམ་པ་མཁའ་དབྱིངས་སུ་འཕེན་གཏོང་ལེགས་སྒྲུབ་བྱས་པ་དང་། སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བདེ་བླག་ངང་སླེབས་ནས་འཕེན་གཏོང་ལས་འགན་ལེགས་གྲུབ་ཕུན་སུམ་ཚོགས་པོ་བྱུང་བ་རེད།