ཐོན་ལས་དར་རྒྱས་བཏང་། དམངས་ཚོགས་ཕྱུག་པོར་གྱུར།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ད་ཡོད་ཀྱི་ཇའི་ཐོན་ལས་ཀྱི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་དེང་རབས་ཚན་རྩལ་སྤྱད་དེ་གྲོང་གསེབ་ཀྱི་སྲོལ་རྒྱུན་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱས་པ་དང་། ཇའི་ཐོན་ལས་ཀྱི་འཁོར་འབྲེལ་མ་ལག་ཧུར་ཐག་བཏོད་དེ་སྐྱེ་ཁམས་ཞིང་ལས་དང་། རིག་གནས་ཡུལ་སྐོར། ལུས་གསོ་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ནུས་ཆེའི་ཞིང་ལས་དཔེ་སྟོན་ཁུལ་དང་ཇའི་རིག་གནས་ཀྱི་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་གནས་མཆོག་ཧུར་ཐག་བཏོད་ཡོད།
འདི་ནི་ཉིང་ཁྲིའི་ཡིད་འོང་ཇ་རའི་ཇ་བཟོ་འཁོར་ཁང་དུ་ལས་བཟོ་ཚོས་ཇ་བཟོ་བར་བྲེལ་བཞིན་པ།