ལུག་གི་ཐོན་ལས་འཕེལ། ཕྱུག་འགྱུར་ལམ་བུ་ཡངས།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ས་མཐོའི་ལུག་གི་ཐོན་ལས་དེ་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་དང་རྫོང་དར་དམངས་ཕྱུག་གི་གཙོ་རྟེན་ཐོན་ལས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ས་མཐོའི་ནོར་ལུག་ཁ་ཐོར་གསོ་ཚགས་ཀྱི་ཕྱུག་འཚོ་སྟངས་གཞིར་བཟུང་། “མཉམ་ལས་ཁང་དང་ཁ་ཐོར་གསོ་ཚགས་དུད་ཚང”གི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་དང་གཏན་འཁེལ་བྱས་ཏེ། རྒྱུད་བཟང་ལུག་གསོ་སྤེལ་དང་། ལུག་གི་འོ་མ་ལས་སྣོན། འོ་མ་མཁོ་སྤྲོད། གཟན་རྩྭ་འགན་ལེན་བཅས་འཐུས་སྒོ་ཚང་དུ་བཏང་བར། ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རགས་ཙམ་གྲུབ་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཕྱོགས་ཡོངས་ནས་ཡངས་སུ་ཕྱིན་ཡོད། འདི་ནི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་སྡིང་བྱང་མ་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་འབྲོག་པས་མ་མོ་སྟར་བརྒྱབ་ནས་འོ་མ་འཇོ་རྩིས་བྱེད་བཞིན་པ།