དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • སྨན་དོན་མི་སྣས་གྲོགས་པོ་ཆུང་ཆུང་ཚོར་གཙང་སྦྲའི་རྒྱུན་ཤེས་འགྲེལ་བཤད་རྒྱག་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-29

    འདི་ནི་སྨན་དོན་མི་སྣས་གྲོགས་པོ་ཆུང་ཆུང་ཚོར་གཙང་སྦྲའི་རྒྱུན་ཤེས་འགྲེལ་བཤད་རྒྱག་བཞིན་པ།

    ཉེ་ཆར། འཕྱོངས་རྒྱས་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་སློབ་གྲྭར་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བ་རེད། དེའི་རིང་སྨན་དོན་མི་སྣས་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་དུས་ཚིགས་བརྗེ་བའི་སྐབས་སུ་རྒྱུན་མཐོང་གི་ཆམ་རིམས་དང་རྐང་ལག་ཁ་གསུམ་གྱི་འགོ་ནད་སོགས་ཀྱི་འགོ་ནད་རིགས་ལ་རིམས་ནད་རིག་པའི་ཁྱད་ཆོས་དང་མཆེད་ལམ། དེ་བཞིན་སྔོན་འགོག་བྱ་ཐབས་སོགས་ཕྱོགས་མང་པོ་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། དུས་རྒྱུན་གྱི་འཚོ་བའི་ཁྲོད་དགེ་སློབ་རྣམས་ཀྱིས་ལག་པ་ཡང་ཡང་བཀྲུ་བ་དང་། གྱོན་གོས་ཡང་སེ་བརྗེ་བ། རླུང་འགྲོ་ཤར་གཏོང་ཐུབ་བ་བཅས་ཁྱབ་སྤེལ་བཏང་ནས། འཚོ་བའི་འཕྲོད་བསྟེན་གྱི་གོམས་སྲོལ་བཟང་པོ་འཇགས་པར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།