དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • 《འགྲོ་བ་བཟང་མོའི་རྣམ་ཐར་གྱི་ལྷ་སྲས་རྒྱལ་པོ་འཚོལ་བའི་ལེའུ》ལ་ཀྲུང་གོའི་ཟློས་གར་གྱི་འཁྲབ་གཞུང་དཀོན་རིགས་ཀྱི་ཕུལ་བྱུང་འཁྲབ་ཚན་གྱི་བྱ་དགའ་ཆེན་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-29

    འདི་ནི་ལྷ་མོ《འགྲོ་བ་བཟང་མོའི་རྣམ་ཐར་གྱི་ལྷ་སྲས་རྒྱལ་པོ་འཚོལ་བའི་ལེའུ》འཁྲབ་སྟོན་བྱེད་བཞིན་པ།

    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཆེད། ཉེ་ཆར། ཀྲུང་གོ་ཟློས་གར་མཁས་ཅན་མཐུན་ཚོཌ་ཀྱིས་ལས་ཁུངས་མང་པོ་དང་མཉམ་དུ་གཉེར་བའི་སྐབས་དང་པོའི་ཀྲུང་གོའི་ཟློས་གར་གྱི་འཁྲབ་གཞུང་དཀོན་རིགས་ཀྱི་ཕུལ་བྱུང་འཁྲབ་ཚན་གྱི་འགྲེམས་འཁྲབ་བྱེད་སྒོ་བོད་ལྗོངས་ཟློས་གར་ཁང་ཆེ་མོར་སྤེལ་བ་རེད། བོད་ལྗོངས་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་འོས་སྦྱོར་བྱས་པའི་བོད་ལྗོངས་ལྷ་མོ་ཚོགས་པའི་ལྷ་མོ《འགྲོ་བ་བཟང་མོའི་རྣམ་ཐར་གྱི་ལྷ་སྲས་རྒྱལ་པོ་འཚོལ་བའི་ལེའུ》ལ་ཀྲུང་གོའི་ཟློས་གར་གྱི་འཁྲབ་གཞུང་དཀོན་རིགས་ཀྱི་ཕུལ་བྱུང་འཁྲབ་ཚན་གྱི་བྱ་དགའ་ཆེན་པོ་ཐོབ་པ་མ་ཟད། འཁྲབ་སྟོན་པ་གཙོ་བོ་ཕུན་སྒྲོན་ལ“ཀྲུང་གོའི་ཟློས་གར་གྱི་འཁྲབ་གཞུང་དཀོན་རིགས་ཀྱི་ཕུལ་བྱུང་ན་གཞོན་རྒྱུན་འཛིན་ཤེས་ལྡན་པའི”མཚན་སྙན་ཡང་ཐོབ་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།