པར་རིས་གསར་འགྱུར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཐུའུ་རིགས་རང་སྐྱོང་རྫོང་གིས“ཏང་འཛུགས་སྐྱོང་དང་དང་བླངས་ཞབས་ཞུ་ཟུང་དུ་འབྲེལ་བའི”རྣམ་པ་དེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་འགོ་འཛུགས་ས་དང་འགག་གནད་སྒྲོལ་སར་བརྩིས་ཏེ་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་པ་དང་། དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ་རེད། འདི་ནི་དགོན་ལུང་རྫོང་གི་ཏང་ཡོན་དང་གཞོན་ནུ་དང་བླངས་པས་གྲོང་མིར་ཞོག་ཁོག་སྔོག་རོགས་བྱེད་བཞིན་པ།