ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་དོན་གྲོང་དུ་མི་ཚོགས་ཀྱིས་ཁེངས་པ།
ཀྲེ་ཅང་དབྱི་ཝུའུ་གྲོང་ཁྱེར་དུ་ཕྱི་རྒྱལ་གྱི་ཚོང་པ་ཁྲི་1.5རྒྱུན་སྡོད་བྱེད་པ་དང་། ཕྱི་རྒྱལ་གྱི་མ་འཇོག་བྱེད་པོ་སྣ་ཚོགས་8000ལྷག་ཙམ་ཟིན་ནས་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་དང་ཚོང་དོན་འགྲོ་འོང་ཡོད། ད་ལོ། དབྱི་ཝུའུ་ཡི་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་བསྡོམས་ཁྲི་110ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་རྫོང་ཁོངས་ཀྱི་ཨང་དང་པོར་སླེབས་ཡོད། ཟླ་དང་པོ་ནས་དགུ་པའི་བར། དབྱི་ཝུའུ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4998.8ཟིན་པ་དེ་དུས་མཚུངས་ལས་16.6%འཕར་ཡོད་ཅིང་། འདི་ནི་ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་དོན་གྲོང་དུ་ཚོང་པས་ངོ་འཕྲད་གྲོས་མོལ་བྱེད་བཞིན་པ།