ཀྲུང་ཡོན་ས་གཞི་ཆེ་མོར་བསྐྱོད་ནས་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་པ།
ཉིན་ཤས་གོང“འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན། ཀྲུང་གོའི་ཀྲུང་ཡོན་དུ་སྐྱོད་པའི་བྱ་སྤྱོད”ཀྱི་བྱེད་སྒོ་ཧོ་ནན་ཞིང་ཆེན་དུ་སྤེལ་བ་རེད། རྒྱལ་ཁབ་13ནས་ཡོང་བའི་ཕྱི་རྒྱལ་གྱི་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་40ལྷག་ཙམ་གྱིས་ཧོ་ནན་རྟེན་མཛོད་ཁང་དང་། ཨར་ལི་ཐུའོ་ཤ་ཏུའུ་གནའ་ཤུལ་རྟེན་མཛོད་ཁང་། དབྱིན་ཤུས་རྟེན་མཛོད་ཁང་སོགས་སུ་བཅར་འདྲི་ལྟ་སྐོར་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11ཚེས་6ནས་8ཉིན་བར་འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་དང་པོ་པེ་ཅིང་དུ་འཚོགས་པ་རེད། འདི་ནི་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་ཧོ་ནན་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།