དགུན་ཆུ་ཡག་པོ་བཏང་ནས་ལོ་ལེགས་ཡོང་བའི་གྲ་སྒྲིག་བྱས་པ།
ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་ཉིན་ཤས་བསྟུད་མར་གྲོང་ཚོ་ཁག་སྒྲིག་འཛུགས་བྱས་ཏེ་དགུན་ཆུ་འདྲེན་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་རྫོང་ཡོངས་ཀྱི་ཞིང་ཁར་དགུན་ཆུ་དྲངས་ཏེ་སང་ལོ་ལོ་ལེགས་ཡོང་བའི་རྨང་གཞི་བཏིང་ཞིང་། འདི་ནི་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་ར་ཀོ་གྲོང་ཚོའི་ཚེ་རིང་ཆོས་སྒྲོན་གྱིས་དགུན་ཆུ་གཏོང་བཞིན་པ།