དབུ་ཤོག>པར་མཛོད།>པར་མཁན།
  • ཚ་ལུ་མ་ལས་སྣོན་བྱས། ཞིང་པར་འབབ་འཕར་བྱུང་།

  •     སྤེལ་དུས།  2024-11-10

    ད་ཆ་ནི་ཚ་ལུ་མ་ཁྲོམ་རར་འདོན་པའི་དུས་ཡིན། འགག་གསུམ་ཆུ་མཛོད་ཁུལ་དུ་གནས་པའི་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་བཟའ་བཅའ་ལས་སྣོན་ཁེ་ལས་ཀྱིས་ས་གནས་དེ་གའི་ཤིང་ཏོག་འདེབས་མཁན་གྱི་ས་ནས་ཉོས་པའི་ཚ་ལུ་མ་ལས་སྣོན་ཞིབ་ཚགས་བྱས་རྗེས་ལྕགས་ཀྲིན་ནང་བླུགས་ཏེ་ཕྱི་རྒྱལ་གྱི་ཁྲོམ་རར་འཚོང་གི་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་ཐོག་ནས་ཚ་ལུ་མའི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་ཞིང་པ་ལས་ཞུགས་འབབ་འཕར་ཡོང་བར་བྱས་པས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཐུབ་ཅིང་། འདི་ནི་བཟོ་པས་ཚ་ལུ་མ་ལས་སྣོན་འཁོར་ཁང་གི་ཐོན་སྐྱེད་སྒྲུབ་རིམ་དུ་ཚ་ལུ་མ་ལྕགས་ཀྲིན་ནང་བླུག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།