དབུ་ཤོག>པར་མཛོད།>པར་མཁན།
  • ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-07

    ཟླ་11ཚེས་5ཉིན་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པ་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས(ཧྲང་ཧའེ)སུ་འགོ་ཚུགས་པ་རེད། སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་42ཟིན་ནས་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་297དང་རྒྱལ་ཁབ་མང་པོ་ནས་ཡོང་བའི་ཉོ་སྒྲུབ་ཚོགས་པ་800ཙམ་འགྲེམས་ཞུགས་ཚོགས་ཞུགས་བྱས་པས་གྲངས་འབོར་ཐད་སྐབས་རིམ་བྱུང་གི་ཟིན་ཐོ་གསར་པ་བཏོད་ཡོད། 2024ལོའི་ཟླ་11ཚེས་5ཉིན་ཚོགས་ཞུགས་པས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་ལག་རྩལ་དང་སྒྲིག་ཆས་འགྲེམས་ཁུལ་གྱི་GE(ཀུན་སྤྱོད་གློག་ཤུགས)འགྲེམས་སྟེགས་ཀྱི་RISEལག་རྩལ་ཞིབ་དཔྱད་ར་སྤྲོད་རྣམ་གྲངས་དཔེ་དབྱིབས་འགྲམ་དུ་སྤེལ་རེས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།