ཕྲུ་གུར་སྲུང་སྐྱོང་བྱེད་པའི་སློབ་ཚན་འཚོགས་ནས་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་པ།
འདི་ནི་ལས་དོན་པས་སློབ་མར་ཕྲུ་གུར་སྲུང་སྐྱོང་གི་འཕུར་སྐྱོད་མིག་མངས་རྩེད་སྟངས་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་སློབ་མས་ལག་ཏུ《དྲ་རྒྱའི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་ལག་དེབ》ཁྱེར་ནས་མཉམ་དུ་པར་རྒྱག་བཞིན་པ།
འདི་ནི་སློབ་མས་ཕྲུ་གུར་སྲུང་སྐྱོང་གི་འཕུར་སྐྱོད་མིག་མངས་རོལ་རྩེད་བརྩེས་ནས་གནོད་ཡོད་ཆ་འཕྲིན་ཇི་ལྟར་དབྱེ་འབྱེད་བྱེད་དགོས་མིན་ཤེས་རྟོགས་བྱེད་བཞིན་པ།
སྐྱོན་བྲལ་ཡར་ཐོན་གྱི་རིག་གནས་ཁོར་ཡུག་བཏོད་དེ་སློབ་མས་གནོད་ཡོད་ཆ་འཕྲིན་ལ་དབྱེ་འབྱེད་ཐུབ་པའི་ནུས་པ་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར་རྫ་ཡུལ་རྫོང་འཆལ་རྡུང་ལོག་སེལ་གཞུང་ལས་ཁང་གིས་རྫ་ཡུལ་རྫོང་ཆ་ཚང་སློབ་ཆུང་དུ་ཉིང་ཁྲི་གྲོང་ཁྱེར་གྱི“གཅེས་སེམས་སྲུང་སྐྱོང”ཞེས་པའི་ཕྲུ་གུར་སྲུང་སྐྱོང་བྱེད་པའི་སྤྲོ་འཕེལ་སློབ་ཚན་གྱི་རྫ་ཡུལ་རྫོང་གི་དཔེ་སྟོན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།