དབུ་ཤོག>པར་མཛོད།>པར་མཁན།
  • སྟོན་ཁའི་འབྲས་ཞིང་རིག་གནས་དུས་ཆེན་ལ་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་ཟབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-05

    ཉེ་ཆར་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ལིན་ཨན་ཆུས་ཅིན་པེ་ཁྲོམ་གཞུང་གིས་འབྲས་ཞིང་རིག་གནས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ཐོག“རེ་བས་ཕྱུག་པའི་ཅིན་པེའི་འབྲས་ཞིང་། ལོ་ལེགས་ཀྱི་དགའ་བས་རབ་ཏུ་མྱོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་འབྲས་ཞིང་རོལ་དབྱངས་འདུ་ཚོགས་དང་། འབྲས་ཞིང་ཚོང་འདུས། འབྲས་ཞིང་སྒར་རྒྱག སོ་ནམ་ཉམས་ལེན་སོགས་ཀྱི་རྣམ་གྲངས་བརྒྱུད། གྲོང་གསེབ་ཀྱི་ཡུལ་སྐོར་གྱི་ལས་རྣམ་ཕུན་སུམ་ཚོགས་སུ་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡོད། འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་ཅིན་པེ་ཁྲོམ་གཞུང་གི་ལུང་མཱ་གྲོང་ཚོའི་སྟོན་དུས་འབྲས་ཞིང་གི་མཛེས་ལྗོངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།