དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • མཚོ་དང་སྟོན་ཁ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-03

    རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་དང་། རང་བྱུང་སྲུང་སྐྱོང་ཁུལ་སྐོར་སྲུང་། རི་སྐྱེས་སྔོ་ཁེབས་སྲུང་སྐྱོང་། འདམ་ར་སྲུང་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་བས། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་ཇེ་མང་དུ་སོང་བ། གཙང་པོ་དང་། ཆུ་བོ། མཚོ་མོ་བཅས་གཙོ་བོའི་ཆུ་སྤུས་རྒྱུན་མཐུད་བཟང་བ། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ནས་བརྟན་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་གསར་པ་ཐོན་པ་བཅས་བྱུང་ཞིང་། འདི་ནི་སྟོན་དུས་ཀྱི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་ཀྱི་མཚོ་མོ་ལ་ལྔའི་མཛེས་ལྗོངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།