ལུག་མིག་མེ་ཏོག་འཐུ་བར་བྲེལ།
ཉེ་ཆར། ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་ཧྲེ་དབྱང་རྫོང་དབྱང་མཱ་གྲོང་རྡལ་དུ་བཏབ་པའི་ལུག་མིག་མེ་ཏོག་འཐུ་བའི་དུས་སུ་སླེབས་ཤིང་། ཞིང་པ་ཚོས་གནམ་གཤིས་ལེགས་པའི་སྐབས་དང་བསྟུན་ནས་མེ་ཏོག་འཐུ་བའི་ལས་ལ་བྲེལ་བས། ཞིང་ནང་དང་མུ་ཁར་སྟོན་བསྡུའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། དབྱང་མཱ་གྲོང་རྡལ་དུ་ལུག་མིག་མེ་ཏོག་འདེབས་ཁྱོན་མུའུ་ཁྲི་3.5ཟིན་པ་དང་ལུག་མིག་མེ་ཏོག་དེ་དམངས་ཕྱུག་གི་ཐོན་ལས་ཆེན་པོར་གྱུར་ཡོད།
འདི་ནི་ཞིང་པ་ཚོས་ཧྲེ་དབྱང་རྫོང་དབྱང་མཱ་གྲོང་རྡལ་ཡའོ་ཚའེ་གྲོང་ཚོའི་ཞིང་ནང་དུ་ལུག་མིག་མེ་ཏོག་འཐུ་བཞིན་པ།