དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ལྷ་སའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-31

    འདི་ནི་བྱ་དགའ་སྤྲོད་པའི་མཛད་སྒོར་བྱ་དགའ་ཐོབ་མཁན་གྱི་ངོ་ལས་འཛུམ་མདངས་འཕྱུར་བ།

    འདི་ནི་འགྲན་བསྡུར་བྱ་ཡུལ་དུ་སྤོ་ལོ་རྒྱག་མཁན་གྱིས་རྩལ་ནུས་ཡོད་རྒུ་འདོན་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་། གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་དང་གྲོང་ཁྱེར་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་སྐབས་བདུན་པའི་ལྷ་སའི་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་དེ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་མཇུག་འགྲིལ་བ་རེད།

    སྐབས་འདིའི་འགྲན་བསྡུར་ནང་སྐྱེས་པའི་མི་5ལམ་ལུགས་ཀྱི་ལས་ཁུངས་བྱ་གཞག་ཚོགས་ཆུང་དང་། སྐྱེས་པའི་མི་3ལམ་ལུགས་ཀྱི་སྤྱི་ཚོགས་ཚོགས་ཆུང་། བུད་མེད་ཀྱི་མི་5ལམ་ལུགས(ཐོབ་ཐང་ཚད་བཀག་མེད་པ)བཅས་ཚོགས་ཆུང་གསུམ་བཀོད་སྒྲིག་བྱས་ཡོད་པ་རེད། ཟླ་9ཚེས་22ཉིན་ནས་འགོ་ཚུགས་ཚུན་རུ་ཁག་38དང་རུ་མི་380ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད། འགྲན་རྩོད་དྲག་པོ་ཐེངས་79བྱས་པ་བརྒྱུད་འགྲན་བསྡུར་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

    ད་ཐེངས་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས་རྒྱ་ཆེའི་ལན་ཆིའུ་སྤོ་ལོར་དགའ་པོ་བྱེད་མཁན་ཚོར་རང་ཉིད་ངོམ་སྟོན་དང་སྤེལ་རེས་བྱེད་པའི་ལས་སྟེགས་ཡག་པོ་ཞིག་བཏོད་ཡོད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱི་ལན་ཆིའུ་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཏེ་ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་བྱ་གཞག་ལ་གསོན་ཤུགས་འཕེལ་བར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།