དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཉམ་དཀྲོལ་རོལ་དབྱངས《མེས་རྒྱལ་གྱི་བོད་ལྗོངས》ཞེས་པ་ལྷ་སར་ཐོག་མར་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-31

    ཟླ་10ཚེས་28ཉིན་གྱི་དགོང་མོར། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་དང་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་སྒྲུབ་འགན་འཁུར་བའི་མཉམ་དཀྲོལ་རོལ་དབྱངས《མེས་རྒྱལ་གྱི་བོད་ལྗོངས》ཞེས་པ་བོད་ལྗོངས་ཟློས་གར་ཁང་ཆེ་མོར་འཁྲབ་སྟོན་ཐོག་མ་བྱས་པ་རེད།

    《མེས་རྒྱལ་གྱི་བོད་ལྗོངས》ཞེས་པ་ནི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་2024ལོ་འཁོར་གྱི་གར་སྟེགས་ཟློས་གར་ཆེ་གྲས་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཤིག་རེད། བརྩམས་ཆོས་དེས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་རྒྱུ་དེ་གསར་རྩོམ་གྱི་རྒྱབ་ལྗོངས་སུ་བྱས་ཏེ། ལོ་རྒྱུས་དང་། རིག་གནས། མཛེས་ལྗོངས། དུས་རབས་གསར་པའི་བོད་ཀྱི་ཉམས་འགྱུར་སོགས་ཕྱོགས་མང་པོ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།