དབུ་ཤོག>པར་མཛོད།
  • བོད་ཀྱི་ནུས་རྒྱུ་གཙང་མས་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེ།   |     སྤེལ་དུས།  2024-10-28

    འདི་ནི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གི་རླུང་ཤུགས་གློག་གཏོང་འཕྲུལ་ཚན་ཡིན་པ།

    འདི་ནི་ལས་དོན་པས་རླུང་འཁོར་གྱི་འཁོར་རྒྱུག་གནས་ཚུལ་ལ་བརྟག་དཔྱད་བྱེད་བཞིན་པ།

    འདི་ནི་གློག་ཁང་གི་སྤྱི་ཁྱབ་ཚོད་འཛིན་ཁང་གི་ལས་རེས་པས་ལས་ཀ་བྱེད་བཞིན་པ།

    འདི་ནི་ལས་དོན་པས་རླུང་འཁོར་ནང་གི་ལྟ་འདོམས་སྒྲིག་ཆས་ཉམས་བཟོ་བྱེད་བཞིན་པ།

    འདི་ནི་ལས་དོན་པས་SVGཁང་ཕྱིའི་གློག་གཏོང་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་གནས་པའི་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པའི་ས་སྐྱའི་ཀྲའོ་ཝ་300ཡི་རླུང་འོད་གསོག་ཉར་གཞི་གཅིག་ཅན་གྱི་གློག་ཁང་ཡིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གི་རླུང་ཤུགས་གློག་གཏོང་འཕྲུལ་ཚན་དང་རི་འདབས་ཀྱི་གྲོང་ཚོ་ཡིན་པ།

    གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་གནས་པའི་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པའི་ས་སྐྱའི་ཀྲའོ་ཝ་300ཡི་རླུང་འོད་གསོག་ཉར་གཞི་གཅིག་ཅན་གྱི་གློག་ཁང་དེ་ཉིད་མཐའ་མའི་སྙོམ་སྒྲིག་ཚོད་ལྟའི་ཛ་དྲག་ཆེ་བའི་དུས་མཚམས་སུ་སླེབས་པ་དང་། སྔོན་དཔག་བྱས་ན་ཟླ་འདིའི་ཟླ་མཇུག་ཏུ་དྲ་སྦྲེལ་འཁོར་སྐྱོད་ཐུབ་རྒྱུ་རེད།

    རྣམ་གྲངས་དེར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་ཁྱོན་བསྡོམས་གློག་གཏོང་ཚད་ཀྲའོ་ཝ་300ཟིན་པ་དང་། དེའི་ཁྲོད་རླུང་གློག་འཕྲུལ་འཁོར་ནས་བཏང་བའི་གློག་ཀྲའོ་ཝ་200ཟིན་ཞིང་། ཁྱོན་བསྡོམས་རླུང་གློག་འཕྲུལ་ཚན་40སྒྲིག་སྦྱོར་བྱས་པའི་ནང་འཕྲུལ་འཁོར་གཅིག་ནས་གློག་ཀྲའོ་ཝ་5གཏོང་ཐུབ་ཀྱི་ཡོད། མིག་སྔར་འཕྲུལ་འཁོར་ཚང་མ་སྒྲིག་སྦྱོར་བྱས་ཡོད། སྒྲིག་སྦྱོར་བྱས་པའི་འོད་ཤུགས་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་100ཟིན་གྱི་ཡོད་ལ། ལྷན་དུ་ནུས་གསོག་མ་ལག་ཆ་ཚང་གཅིག་དང་གློག་ཕྱིར་གཏོང་གི་སྐུད་ལམ་སྤྱི་ལེ་62བསྐྲུན་ནས་ཡར་ཀླུང་གཙང་པོ་འཕྲེད་བཅད་བྱས་ཡོད།

    འཆར་འགོད་གཞིར་བཟུང་། རྣམ་གྲངས་བསྐྲུན་རྗེས་ལོ་རེར་གློག་གཏོང་ཚད་ཏུའུ་དུང་ཕྱུར་5.5ཙམ་ཟིན་རེ་ཡོད་པ་དེ་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་16.42གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་མུ་ཟི་འབུད་ཚད་ཏུན་ཁྲི་45.34དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་45.01ཙམ་ཉུང་དུ་གཏོང་ཐུབ་ནས། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།